༈ ཛམ་བྷ་ལ་དཀར་པོ་ལ་ཆུ་སྦྱིན་མདོར་བསྡུས་བྱེད་ན། བརྒྱ་རྩའི་བདེན་སྟོབས་དང། ཆོས་སྦྱིན་གྱི་བར་དེར། རིན་པོ་ཆེའི་གཏོར་ སྣོད་གཙང་མའི་ནང་དུ་བསྐྱེད་པ་ཡིན་པས། པད་ཟླར་གཡུ་འབྲུག་སྟེང་དུ་ཛམ་བྷ་ལ། །དཀར་པོ་ཁ་ཊཱཾ་རྩེ་གསུམ་བེ་ཅོན་བསྣམས། །ཕྱོགས་བཞིར་མཁའ་འགྲོ་རིགས་བཞིས་བསྐོར་བ་ཡི། ། སྐུ་ལ་ཉལ་འགྲོའི་རྒྱུན་འབུལ་དངོས་གྲུབ་སྩོལ། །ཨོཾ་པདྨ་ཀྲོ་དྷ་ཨཱ་རྱ་ཛམྦྷ་ལ་ཧྲཱི་ད་ཡ་ཧཱུཾ་ཕཊ། ཅེས་ཆུ་རྒྱུན་སྦྲེང་ཞིང་བཟླ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ མཆོད། ཤེལ་དཀར་ཞུན་མའི་ཕུང་པོ་དབང་གཞུ་ཡིས། །རབ་དཀྲེས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང། །འདོད་དགུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་ཛམ་བྷ་ལ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། མགྲོན་རྣམས་མི་དམིགས་པར་བསམས་ལ་ཆུ་མཐེབ་སྲིན་གྱིས་རང་གི་ལྕེ་ཐོག་ཏུ་བཞག་ལ་དངོས་གྲུབ་བླང། ཆུ་ཅུང་ཟད་ཕྱོགས་ བཞིར་གཏོར་ཞིང། ལྷག་མ་གཞན་དུ་མ་འཁྱོར་བར་ལོངས་སྤྱད་ན་ཟས་ནོར་གྱི་དངོས་གྲུབ་ཆར་ལྟར་འབབ་པར་གསུངས་སོ། །དམིགས་པའི་གནད་ནི། ཡན་ལག་བརྒྱད་ལྡན་གྱི་ [142A]༄༅། །ཆུ་ཕུལ་བ་དེ་མུ་ཏིག་གི་འཕྲེང་བར་གྱུར་ནས་གཙོ་འཁོར་ལྔའི་ཞལ་དུ་ཞུགས་པས་སྐུ་གང། བཀྲེས་སྐོམ་དང་ཟུག་རྡུ་ཞི་ཞིང་བདེ་བ་དང་ལྡན་པར་གྱུར། ཞལ་ནས་མུ་ཏིག་སོགས་ རིན་པོ་ཆེ་དང་འབྲུའི་དངོས་གྲུབ་ཀྱི་ཆར་ཕབ་པས། ཡུལ་ཕྱོགས་དང་གནས་ཁང་དང་བང་མཛོད་ཐམས་ཅད་གང་བའི་མོས་པ་བྱེད་པ་ལགས། དམ་རྫས་བཅས་ཕྲན་གྱིས་ཕུལ་